གསར་འགྱུར་ཡིག་ཚགས།
2024-12-17
རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ (Wang Yi) དང་རྒྱ་གར་རྒྱལ་ཡོངས་བདེ་འཇགས་སློབ་སྟོན་པ་ (Ajit Doval) བར་ས་མཚམས་ཀྱི་གནད་དོན་དང་འབྲེལ་བའི་ཆེས་མཐོའི་གྲོས་མོལ་ཐེངས་དང་པོ་དེ་བཞིན། ཟླ་འདིའི་ཚེས་ ༡༨ ཉིན་གནང་རྒྱུ་ཡིན་པའི་གནད་དོན་དེའི་ཐད་རྒྱ་གར་གྱི་རྒྱལ་སྲུང་ཉམས་ཞིབ་པ་དང་དམག་སྤྱི་ཟུར་པ་ (Vinayak Bhatt) ལགས་ནས། ད་ལྟའི་ཆར་རྒྱ་ནག་གི་དམག་མི་རྣམས་ནས་འཛེམས་ཟོན་མེད་པར་ས་མཚམས་བརྒལ་ཏེ་རྒྱ་གར་གྱི་ས་ཁུལ་དུ་འཛུལ་བཞིན་ཡོད་པས། གྲོས་མོལ་དེའི་བརྒྱུད། རྒྱ་ནག་གི་དམག་དཔུང་རྣམས་ ༢༠༢༠ ལོའི་སྔོན་གྱི་ས་ཁུལ་དུ་ཕྱིར་འཐེན་གྱི་ཐག་གཅོད་དགོས་ཤིང་། དེ་ལྟར་བྱུང་ན་རྒྱ་གར་མི་མང་རྣམས་དགའ་འོས་པའི་གནས་སྟངས་ཤིག་ཆགས་སྲིད་ཀྱང་། འདས་པའི་ཉམས་མྱོང་ཁྲོད་རྒྱ་ནག་ནི་ཁ་དན་ཚིག་ལ་མི་གནས་མཁན་ཡིན་པ་གསལ་པོ་ཡིན་སྟབས་རྒྱ་ནག་གི་ཁ་ཙམ་ཚིག་ཙམ་གྱི་སྐད་ཆ་ལས་དོན་དངོས་ཀྱི་བྱ་སྤྱོད་ལ་གཞིགས་ནས་གོམ་པ་མདུན་བསྐྱོད་བྱ་དགོས་ཞེས་འགྲེལ་བརྗོད་གནང་བྱུང་།
2024-12-12
ཉེ་སྔོན་རྒྱ་ནག་གིས་དབྱིན་ཡིག་ཏུ་བོད་ལ་Tibetཟེར་བའི་ཚབ་ཏུ་Xizangཞེས་འབོད་དགོས་པའི་སྐོར་གྱི་སྲིད་ཇུས་འཛིན་བཞིན་པར་བོད་མི་རྣམས་ཀྱིས་ངོ་རྒོལ་བྱས་ཡོད།
2024-12-05
རྒྱ་ནག་དང་བལ་ཡུལ་གཉིས་ཀྱིས་མཉམ་འབྲེལ་གསལ་བསྒྲགས་ནང་བལ་ཡུལ་གཞུང་གིས་བོད་ཀྱི་གནད་དོན་ནི་རྒྱ་ནག་གི་ནང་སྲིད་ཡིན་པ་བསྐྱར་བཟློས་དང་མཉམ་བལ་ཡུལ་ནང་རྒྱ་ནག་ལ་ངོ་རྒོལ་རིགས་སྤེལ་དུ་འཇུག་རྒྱུ་མིན་ཚུལ་བསྒྲགས་འདུག
2024-12-04
བལ་ཡུལ་གློ་སྨད་ཁུལ་དུ་ལམ་བར་ཆུ་ཚོད་༧ཙམ་གྱི་འགྲུལ་བཞུད་ཀྱིས་སྐལ་བཟང་སྦུག་མ་སླེབས་ལམ་བར་དུ་མཐོང་ཐོས་མྱོང་གསུམ་གྱི་སྐོར།
2024-12-04
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལས་འགུལ་བ་ཚོས་རྒྱ་གར་གྱི་མངའ་སྡེ་ཉི་ཤུ་ལྷག་ནང་བོད་དོན་ཆེད་སྦག་སྦག་སྐོར་བསྐྱོད་གནང་བཞིན་པ་ཤིས་ལོང་ས་གནས་སུ་འབྱོར་འདུག
2024-12-02
གཟའ་ཟླ་བའི་ཉིན་བལ་ཡུལ་གྱི་སྲིད་བློནOli རྒྱ་ནག་ཏུ་ཉིན་བཞིའི་གཟིགས་སྐོར་འགོ་འཛུགས་གནང་ཡོད་པ་དང་། བརྒྱུད་གཅིག་ལམ་གཅིག་གི་ལས་གཞི་བསྐྱར་གསོ་ཡོང་མིན་སྐོར་གྲོས་མོལ་བྱ་སྲིད་པའི་སྐོར་གནས་ཚུལ་ཐོན་འདུག
2024-11-28
རྒྱ་གར་དབུས་གཞུང་གིས་རྒྱ་གར་གྱི་སྒོར་མོ་རུ་པི་ཁྲག་ཁྲིག་ཆེན་མོ་གཉིས་དང་ཁྲག་ཁྲིག་བརྒྱད་ལྷག་གི་འགྲོ་སོང་བཏང་ནས་ཨ་རུ་ཎཱ་ཅལ་མངའ་སྡེའི་འཕགས་བོད་མཐའ་མཚམས་ཀྱི་གཞུང་ལམ་བཟོ་བསྐྲུན་བྱེད་བཞིན་པ་རེད།
2024-11-27
འདི་ལོའི་ཕྱི་ཟླ་༡༠ པའི་ནང་རྒྱ་དཀར་ནག་གཉིས་ཀྱིས་ལ་དྭགས་ཤར་ཕྱོགས་ཁུལ་གྱི་ས་མཚམས་ནས་རང་རང་སོ་སོའི་མཐའ་སྲུང་དམག་མི་ཕྱིར་འཐེན་བྱ་རྒྱུའི་མོས་མཐུན་བྱུང་བ།
2024-11-21
བོད་རང་སྐྱོང་ལྗོངས་ཟེར་བའི་སྲིད་གཞུང་གིས་མ་དངུལ་མི་མང་ཤོག་སྒོར་ཐེར་འབུམ་བཅུ་དང་དུང་ཕྱུར་བདུན་བཏང་ནས་ཁྲིན་ཏུའུ་གྲོང་ཁྱེར་ནང་བོད་རང་སྐྱོང་ལྗོངས་ཀྱི་དཔོན་རིགས་རྒན་གྲས་ཚོ་ངལ་གསོ་རྒྱབ་སའི་ལྟེ་གནས་གསར་སྐྲུན་བྱ་རྒྱུར་དམངས་ཁྲོད་དུ་གླེང་སློང་ཤུགས་ཆེ་བྱེད་བཞིན་ཡོད་འདུག
2024-11-21
རྒྱ་ནག་གཞུང་གི་མི་རབས་དང་པོའི་ཆེས་མཐོའི་དབང་འཛིན་པ་མའོ་ཙེ་ཏུང་དང་མི་རབས་གཉིས་པའི་དབང་འཛིན་པ་ཏེང་ཞའོ་ཕིང་། མི་རབས་གསུམ་པའི་དབང་འཛིན་པ་ཅང་ཙེ་མིན། མི་རབས་བཞི་པའི་དབང་འཛིན་པ་ཧུའུ་ཇིན་ཐའོ། མི་རབས་ལྔ་པའི་དབང་འཛིན་པ་ཞི་ཅིན་ཕིང་བཅས་རྒྱ་ནག་གི་དཔོན་རིགས་ལྔ་ཡིས་བོད་དང་བོད་མིའི་ཐོག་འཛིན་པའི་སྲིད་ཇུས་སྐོར།
2024-11-21
ཨ་རིའིTexas མངའ་སྡེའི་སྤྱི་ཁྱབ་ Greg Abbott ཡིས་རེས་གཟའ་ཟླ་བ་ཉིན་ཕྱིའི་དགྲ་བོས་ Texas མངའ་སྡེའི་མི་དམངས་ལ་བསུན་བཙེར་དང་བཙན་ཤེད་རིགས་ལ་སྔོན་འགོག་གྱི་གཞུང་འཛིན་བཀའ་རྒྱ་ཨང་ GA-47 ཞེས་པར་མིང་རྟགས་བཀོད་ཡོད་འདུག
2024-11-19
རྩོམ་པ་པོ་རོང་བོ་དགེ་འདུན་ལྷུན་གྲུབ་ལགས་གློད་གྲོལ་ཐོབ་ཡོད་པ་ཙམ་ལས་དམ་དྲག་དང་ཞིབ་བཤེར་འོག་ཏུ་ཡོད་སྟབས། ཁོང་གི་འཕྲོད་བསྟེན་གནས་བབ་གཙོའི་ཞིབ་ཕྲའི་གནས་སྟངས་སོགས་ཤེས་རྟོགས་དང་གསལ་བཤད་བྱེད་ཐབས་མི་བདེ་བ། བོད་ནང་གི་འབྲེལ་ཡོད་བོད་མི་གཉིས་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
2024-11-01
རྒྱ་ནག་གི་མི་འབོར་རྦད་དེ་ཇེ་ཉུང་ལ་སོང་ཚེ་དཔལ་འབྱོར་འཕེལ་རྒྱས་ལ་གནོད་པ་ཡོད་མེད་དང་། བྱིས་པའི་སྐྱེ་ཚད་ཇེ་མང་ལ་གཏོང་ཐབས་བཅས་ཀྱི་སྐོར།
2024-10-30
རྒྱ་ནག་དམར་ཤོག་གཞུང་འདི་བཙུགས་ནས་ལོ་ངོ་༧༥འཁོར་བའི་སྐབས་དེར་ཞི་ཅིན་ཕིང་གིས་རྒྱ་ནག་གི་ཆེས་མཐོའི་དབང་འཛིན་པ་བྱས་པའི་དུས་ཚོད་འདིའི་རིང་བོད་ནང་མཚོན་ན་བོད་ས་ཡོངས་རྫོགས་པར་ཆས་ཀྱིས་དྲ་བའི་སྟངས་འཛིན་ནན་པོའི་འོག་བཙོན་རྭར་ལྟ་བུར་འགྱུར་བ་དང་། གསར་སྤེལ་དང་དཔལ་འབྱོར་འཁྲུག་གཏོང་གི་མིང་ཐོག་ནས་གཏེར་ཁ་བསྔོག་འདོན་དང་ཆུ་མཛོད་གློག་ཁང་གསར་རྒྱག་བྱས་ཏེ་ཁུར་ཡུག་ལ་གཏོར་བཤིག་དང་ས་གནས་ཡུལ་མིར་དཀའ་ངལ་འཕྲད་པ། དེ་བཞིན་བོད་པའི་མི་རབས་གསར་པར་རྒྱ་མི་རིགས་ཀྱི་སློབ་གསོ་ཤུགས་ཆེ་རུ་བཏང་སྟེ་བོད་ཀྱི་ཆོས་དང་རིག་གཞུང་གི་སློབ་གསོ་ནས་རྒྱང་ཐག་རིང་དུ་བཏང་བ་སོགས་ཞི་ཅིན་ཕིང་གི་དུས་སྐབས་ལ་ཕྱིར་དྲན་བྱས་པ།
2024-10-30
བྷ་ར་ཛིལ་རྒྱལ་ཁབ་ཀྱིས་རྒྱ་ནག་གི་བརྒྱུད་གཅིག་ལམ་གཅིག་ཟེར་བའི་ལས་གཞིའི་ནང་མཉམ་ཞུགས་བྱེད་རྒྱུར་ཁས་ལེན་གནང་མེད་པ་རེད་འདུག